Tuesday, March 11, 2014

སེར་སྦྲང་བུང་བའི་ལོ་རྒྱུས།



      སྔོ་ལྗང་ལྡན་པའི་སོ་ཀའི་དུས་འདི་ནང་།། ལྡུམ་རའི་རྒྱན་ཆ་མེ་ཏོག་སྣ་ཚོགས་ཤར།།
       ལས་ཀྱིས་འཁོར་བའི་སེར་སྦྲང་བུང་བ་ང་།། མེ་ཏོག་གཅིག་བལྟ་གཉིས་བལྟ་སྤྲོ་ཉམས་འབྱུང་།།
      
མེ་ཏོག་སྣ་ཚོགས་འཛོམས་པའི་སྦུག་ནང་ལས།། ཁ་དོག་བཀྲག་མདངས་ཚར་བའི་སེར་ཤོག་འདི།།
       གཞན་དང་མ་འདྲ་མཐོངམ་ཅིན་ཧིང་ཁར་འབབ།། བུང་བའི་སེམས་འདི་རང་དབང་མེད་པར་ཤོར།།

Photo by: Jamyang Yeshi Dorji
ཧིང་གཏམ་བཤད་པའི་བློ་སྟོབས་མེད་པར་སྨོ།།
དུས་ཚོད་རིམ་གྱིས་རྫོགས་ཚེ་ཕངས་མི་ཕངས།།
མིག་ཏོ་བཙུམ་སྟེ་དགའ་བའི་ལོ་རྒྱུས་སླབ།།
མཉམ་ཅིག་སྡོད་ཚེ་སེམས་ཀྱི་དགའ་སྤྲོ་ཐོབ།།

བུང་བ་སེར་ཤོག་མཉམ་ཅིག་སྡོད་དེ་གིས།།
དུས་ཡུན་མ་རིང་ལྡུམ་ར་གཞན་ཁར་འགྱོ།།
དེ་ཁར་ཤར་བའི་ཧ་ལོ་མེ་ཏོག་གིས།།
དམ་ཚིག་ཅན་གྱི་བུང་བའི་སེམས་དཀྲོགས་དོ།།

Photo by: Jamyang Yeshi Dorji
 ཧ་ལོ་དགའ་རོགས་གཞན་གཅིག་ཡོད་རུང་ཡང་།། དམ་ཚིག་མ་བསྲུངས་བུང་བ་རང་ལུ་སྨོ།།
 དགའ་བའི་རྣམ་འགྱུར་གཞན་དང་མ་འདྲཝ་བཏོན།། བུང་བ་ངེ་སེམས་འཕྱོག་ནི་འབད་དོ་ས།།      

 བུང་བ་ཧ་ལོ་མཉམ་གཅིག་སྡོད་གེ་ཟེརན།། དགའ་བའི་སེར་ཤོག་ཧིང་ལས་བརྗེད་མ་ཚུགས།།
མ་སྡོད་མཛེས་པའི་ཧ་ལོ་མིག་ཁར་ལེགས།།སེམས་ཀྱི་སྡུག་བསྔལ་མྱོང་བ་ལས་རང་མས།།
  ཧ་ལོ་བུང་བ་གཞན་གྱི་མེ་ཏོག་མས།། རང་ཡང་མེ་ཏོག་གཞན་གྱི་བུང་བ་ཡིན།།                 
  གཅིག་གཅིག་དགའ་བའི་རྣམ་འགྱུར་བཏོན་སྡོད་རུང་།། བུང་སེམས་འགྱུར་ཏེ་ཧ་ལོ་མཉམ་མི་སྡོད།།

 
འབྲི་མི- སངས་རྒྱས་འཕྲིན་ལས།
      དྲུང་འཚོ་སློབ་དུས་ བརྒྱད་པ།
      རྩོམ་རིག་ཚོགས་ཕྲན།

1 comment:

  1. Wow nicely written n is it dedicated to sum 1 een na Sangay?????????????

    ReplyDelete